པདྨ་མཁྱེན་རབ། མདོ་རྒྱུད་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ། ཟེར་གསུང་དོ་བཟུམ་སྦེ་ ང་རང་ སྤྱི་ལོ་ ༢༠༡༥ ལས་འགོ་བཙུགས་ཏེ་ ད་ཚུན་ལོ་ངོ་ ༡༢ དེ་ཅིག་གི་རིང་ ཆུང་རིམ་སློབ་གྲྭ་ཚུ་ནང་ལས་ཕར་ རྫོང་ཁའི་སློབ་སྟོན་པ་སྦེ་ ཕྱག་ཞུ་སྟེ་ ཉམས་མྱོང་དང་སེམས་ཤུགས་སྦོམ་སྦེ་ར་ ཐོབ་སྟེ་ཡོད། ང་རང་ རྫོང་ཁའི་སློབ་སྟོན་པ་སྦེ་ གདམ་ཁ་རྐྱབ་དགོ་པའི་ དམིགས་ཡུལ་གཙོ་བོ་ཅིག་ ཇི་སྐད་དུ། ལམ་སྲོལ་ཉམས་པར་གྱུར་པ་ན།། རྒྱལ་ཁབ་རང་དབང་བརྟན་མི་འགྱུར།། ཟེར་གསུང་དོ་བཟུམ་སྦེ་ རྒྱལ་ཁབ་ལུ་ཤ་ཞེན་ཅིག་བསྐྱེད་དེ་ རང་གིས་ ག་ཤེས་གུ་ཤེས་ཅིག་ སློབ་ཕྲུག་ཚུ་ལུ་ སྤེལ་ནི་དང་ ང་བཅས་རའི་འབྲུག་པའི་ལམ་སྲོལ་…








